audio
audioduration (s)
0.51
13
transcription_uni
stringlengths
6
264
transcription_wylie
stringlengths
6
313
དགུང་གྲངས་ཞེ་དྲུག་པ་སྟེ། ཕྱི་ལོ་ཆིག་སྟོང་ཉིས་བརྒྱ་བརྒྱད་བཅུ་ལོར།
dgung grangs zhe drug pa ste/_phyi lo chig stong nyis brgya brgyad bcu lor/_
ལྷ་ཁང་བླ་བྲང་དུ་སྐུ་གཤེགས།
lha khang bla brang du sku gshegs/_
ལེའུ་དང་པོ། འཕགས་པ་རིན་པོ་ཆེ་ཆོས་རྗེའི་ཞབས་ཕྱིར་སོག་ཡུལ་དུ་ཕེབས་པ། ཉིན་ཞིག་སོག་པོ་རྒྱལ་པོའི་ཕོ་ཉ་ཞིག་ས་སྐྱར་སླེབས་པའི་ལག་ཏུ།
le'u dang po/_'phags pa rin po che chos rje'i zhabs phyir sog yul du phebs pa/_nyin zhig sog po rgyal po'i pho nya zhig sa skyar slebs pa'i lag tu/_
ས་སྐྱ་པཎ་ཆེན་སོག་ཡུལ་དུ་ཕེབས་དགོས་པའི་ཞུ་ཡིག་ཅིག་འཁྱེར་ཡོད་པར་བརྟེན། དེ་མ་ཐག་ས་སྐྱའི་བླ་ཆེན་དང་།
sa skya paN chen sog yul du phebs dgos pa'i zhu yig cig 'khyer yod par brten/_de ma thag sa skya'i bla chen dang /_
མི་དྲག་རྣམས་ཆོས་རྗེ་ས་པཎ་གྱི་སྐུ་དྲུང་དུ་བཅར་བ་རེད།
mi drag rnams chos rje sa paN gyi sku drung du bcar ba red/_
ཁོང་ཚོས།
khong tshos/_
སོག་པོ་རྒྱལ་པོའི་ཆོས་རྗེ་རིན་པོ་ཆེར་གདན་ཞུའི་ཡི་གེ་ཞིག་འབྱོར་ཡོད་སྐད་འདུག་ཀྱང་།
sog po rgyal po'i chos rje rin po cher gdan zhu'i yi ge zhig 'byor yod skad 'dug kyang /_
ཆོས་རྗེ་རིན་པོ་ཆེ་དགུང་ལོ་བགྲེས་པོར་ཕེབས་པས་སོག་པོར་ཕེབས་རྒྱུར་ཞལ་བཞེས་མི་གནང་བར་ཞུ།
chos rje rin po che dgung lo bgres por phebs pas sog por phebs rgyur zhal bzhes mi gnang bar zhu/_
སོག་པོ་ལམ་དང་གནམ་གཤིས་རྩུམ་པར་མ་ཟད། མི་རྣམས་ཀྱང་གཏུམ་དྲག་ཆེ་བས་སྐུ་ཕྱྭ་ལ་ཉེན་ཁ་ཡོད། ཅེས་ནན་ཏན་གྱིས་ཞུས་པ་ན། ཆོས་རྗེ་ས་པཎ་གྱིས།
sog po lam dang gnam gshis rtsum par ma zad/_mi rnams kyang gtum drag che bas sku phywa la nyen kha yod/_ces nan tan gyis zhus pa na/_chos rje sa paN gyis/_
ངའི་ལོ་ན་དང་གཟུགས་གཞིའི་གནས་བབ་ཀྱི་ཐོག་ནས་བཤད་ན།
nga'i lo na dang gzugs gzhi'i gnas bab kyi thog nas bshad na/_
བྱེ་ཐང་གི་ཁྲོད་དུ་ཉི་ལམ་དང་།
bye thang gi khrod du nyi lam dang /_
ཟླ་ལམ་བྱས་ནས་འགྲོ་ཐུབ་པ་མི་འདུག་ཀྱང་།
zla lam byas nas 'gro thub pa mi 'dug kyang /_
རྒྱལ་པོ་གདུག་རྩུབ་ཅན་ཆོས་ལ་བསྒྱུར་ཏེ་ཡུལ་ཁམས་དེའི་སྐྱེ་འགྲོའི་སྡུག་བསྔལ་སེལ་བ་དང་།
rgyal po gdug rtsub can chos la bsgyur te yul khams de'i skye 'gro'i sdug bsngal sel ba dang /_
བོད་ཀྱི་སྣོད་བཅུད་ལ་གོད་ཆག་མི་འབྱུང་བའི་དོན་དུ། ང་བླ་རྒན་ཤི་ཡང་སོག་པོར་མ་ཕྱིན་པར་ཐབས་མེད་གྱུར་ཡོད།
bod kyi snod bcud la god chag mi 'byung ba'i don du/_nga bla rgan shi yang sog por ma phyin par thabs med gyur yod/_
གལ་སྲིད་ང་སོག་པོ་རྒྱལ་པོའི་རེ་འདོད་ལྟར་སོག་ཡུལ་དུ་མ་ཕྱིན་ཚེ།
gal srid nga sog po rgyal po'i re 'dod ltar sog yul du ma phyin tshe/_
སྐབས་དེར།
skabs der/_
མི་ཕྱུགས་སྟོང་ཕྲག་མང་པོའི་ཚེ་སྲོག་འགྲོ་རྒྱུ་ཡིན་པ།
mi phyugs stong phrag mang po'i tshe srog 'gro rgyu yin pa/_
བཤད་མ་དགོས།
bshad ma dgos/_
དེ་ལས་ང་བླ་རྒན་སོག་ཡུལ་དུ་སོང་ན་དགེ་མཚན་མི་ཆེའམ།
de las nga bla rgan sog yul du song na dge mtshan mi che'am/_
ཞེས་གསུངས་པ་རེད། ས་སྐྱའི་མི་དྲག་ཚོར་ཆོས་རྗེ་རིན་པོ་ཆེར་རྒྱུ་མཚན་ཅི་ཡང་ཞུ་རྒྱུ་མ་རྙེད་ཀྱང་།
zhes gsungs pa red/_sa skya'i mi drag tshor chos rje rin po cher rgyu mtshan ci yang zhu rgyu ma rnyed kyang /_
གང་ལྟར་ཆོས་རྗེ་རིན་པོ་ཆེ་སོག་ཡུལ་དུ་ཕེབས་རྒྱུ། ང་ཚོས་སེམས་ཀྱིས་བཟོད་ཀྱི་མི་འདུག
gang ltar chos rje rin po che sog yul du phebs rgyu/_nga tshos sems kyis bzod kyi mi 'dug_
དེ་བས་ཅིས་ཀྱང་མི་ཕེབས་པར་ཞུ། ཞེས་ཨུ་ཚུགས་ཀྱིས་ཞུས་པ་རེད།
de bas cis kyang mi phebs par zhu/_zhes u tshugs kyis zhus pa red/_
སྐབས་དེར་ཆོས་རྗེ་རིན་པོ་ཆེའི་སྐུ་དྲུང་དུ་ཡོད་པའི་བྱིས་པ་ཆུང་ཆུང་དེས་ཕྱག་ཐལ་མོ་སྦྱོར་བཞིན།
skabs der chos rje rin po che'i sku drung du yod pa'i byis pa chung chung des phyag thal mo sbyor bzhin/_
ཆོས་རྗེ་བླ་མའི་ཐུགས་དགོངས་ཤིན་ ཏུ་རྒྱ་ཆེ།
chos rje bla ma'i thugs dgongs shin _tu rgya che/_
ཕྲན་ཡང་ཆོས་རྗེ་རིན་པོ་ཆེའི་སྐུ་རྗེས་སུ་ཞབས་ཕྱིར་འགྲོ་ཐུབ།
phran yang chos rje rin po che'i sku rjes su zhabs phyir 'gro thub/_
དམ་པའི་མཛད་པ་རླབས་ཆེན་ལ་སུ་ཡིས་ཀྱང་འགོག་རྐྱེན་བྱེད་མི་རུང་། ཞེས་གསུངས།
dam pa'i mdzad pa rlabs chen la su yis kyang 'gog rkyen byed mi rung /_zhes gsungs/_
དེ་དུས་ཆོས་རྗེ་རིན་པོ་ཆེས་ཐུགས་དགྱེས་ཚོར་ཆེན་པོས་མདུན་ གྱི་མི་དྲག་ཚོ་ལ་གཟིགས་བཞིན། ཁྱོད་ཚོས་གོ་བྱུང་ངམ།
de dus chos rje rin po ches thugs dgyes tshor chen pos mdun _gyi mi drag tsho la gzigs bzhin/_khyod tshos go byung ngam/_
ངའི་དབོན་པོ་འཕགས་པ་ད་དུང་དགུང་ལོ་བཅུ་ལས་སོན་མེད་ཀྱང་།
nga'i dbon po 'phags pa da dung dgung lo bcu las son med kyang /_
རྣམ་དཔྱོད་ལྡན་པའི་སྐད་ཆ་འདི་འདྲ་ཤོད་ཀྱི་འདུག
rnam dpyod ldan pa'i skad cha 'di 'dra shod kyi 'dug_
ང་སོག་ཡུལ་དུ་འགྲོ་རྒྱུར།
nga sog yul du 'gro rgyur/_
དགའ་བ་མིན་ཡང་།
dga' ba min yang /_
སྔོན་མ་ནས་ཁུ་བོ་གྲགས་པ་རྒྱལ་མཚན་གྱི་ཞལ་ཆེམས་ཀྱང་ཡོད།
sngon ma nas khu bo grags pa rgyal mtshan gyi zhal chems kyang yod/_
གཞན་དོན་གྱི་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་སོག་ཡུལ་དུ་མི་འགྲོ་ཐབས་མེད་བྱུང་བ་རེད།
gzhan don gyi rgyu mtshan mang po zhig gi thog nas sog yul du mi 'gro thabs med byung ba red/_
ཅེས་སོག་ཡུལ་དུ་ཕེབས་རྒྱུར་འགྱུར་བ་གཏོང་རྒྱུ་མེད་པ་ཐག་གཅོད་གནང་བ་རེད།
ces sog yul du phebs rgyur 'gyur ba gtong rgyu med pa thag gcod gnang ba red/_
ཉིན་ནས་ཉིན་མཐུད་མྱ་ངམ་གྱི་བྱེ་ཐང་མང་པོ་བརྒྱུད་ནས་སོག་ཡུལ་དུ་ཕེབས་པའི་སྐབས།
nyin nas nyin mthud mya ngam gyi bye thang mang po brgyud nas sog yul du phebs pa'i skabs/_
འཕགས་པས་ཆོས་རྗེ་རིན་པོ་ཆེར་ཞབས་ཕྱི་ གང་ནུས་ཞུ་བ་མ་གཏོགས། ཉིན་གཅིག་ཀྱང་སྐྱོ་ངལ་གྱི་རྣམ་འགྱུར་མེད་པར།
'phags pas chos rje rin po cher zhabs phyi _gang nus zhu ba ma gtogs/_nyin gcig kyang skyo ngal gyi rnam 'gyur med par/_
བོད་སོག་གི་མི་རྒན་རྣམས་དང་སྤྱི་མཚུངས་ཀྱིས་ཕེབས་ཀྱི་ཡོད་ པར་མ་ཟད། ནངས་ནུབ་ཀྱི་དུས་ཚོད་བར་གསེང་ནམ་ཡོད་ལ།
bod sog gi mi rgan rnams dang spyi mtshungs kyis phebs kyi yod _par ma zad/_nangs nub kyi dus tshod bar gseng nam yod la/_
ཆོས་རྗེ་རིན་ པོ་ཆེའི་སྐུ་དྲུང་དུ་བཅར་ཏེ། ཆོས་རྗེ་རིན་པོ་ཆེའི་ཡོན་ཏན་མཐའ་དག་རང་ ཉིད་ལ་འབྱོར་ཐབས་གནང་གི་ཡོད་པ་རེད།
chos rje rin _po che'i sku drung du bcar te/_chos rje rin po che'i yon tan mtha' dag rang _nyid la 'byor thabs gnang gi yod pa red/_
དེར་བརྟེན་ཉིན་ཞིག་ཆོས་རྗེའི་སྐུ་འཁོར་རྒན་གྲས་ཤིག་འཕགས་ པའི་སར་བཅར་ཏེ།
der brten nyin zhig chos rje'i sku 'khor rgan gras shig 'phags _pa'i sar bcar te/_
སྐུ་དབོན་འཕགས་པ་རིན་པོ་ཆེ།
sku dbon 'phags pa rin po che/_
ཁྱེད་ཀྱིས་ཉིན་གང་ བོར་ཕེབས་ལམ་དུ།
khyed kyis nyin gang _bor phebs lam du/_
གྲང་ངར་དང་བྱེ་རྡུལ་གྱི་ཁྲོད་དུ་སྐུ་ངལ་ཚད་མེད་མྱོང་ གི་ཡོད།
grang ngar dang bye rdul gyi khrod du sku ngal tshad med myong _gi yod/_
ཁྱེད་རང་།
khyed rang /_
ད་དུང་དགུང་ན་ཡང་ཤིན་ཏུ་གཞོན།
da dung dgung na yang shin tu gzhon/_
ནངས་ནུབ་ལ་སྐུ་ ངལ་གསོས་ན་མ་གཏོགས། སྐུ་གཟུགས་ཀྱིས་ལྕོགས་ཀྱི་མ་རེད། སྐུ་ཡོན་ གསན་བཞེས་དང་དབང་ལུང་གི་བརྒྱུད་པ།
nangs nub la sku _ngal gsos na ma gtogs/_sku gzugs kyis lcogs kyi ma red/_sku yon _gsan bzhes dang dbang lung gi brgyud pa/_
བོད་དུ་ཕྱིར་འཁོར་བའི་རྗེས་ སུ་ཞུས་ཀྱང་ཆོག ཅེས་ཞུས་པ་ན།
bod du phyir 'khor ba'i rjes _su zhus kyang chog_ces zhus pa na/_
འཕགས་པས་ཕྱག་གཉིས་ཐལ་མོ་སྦྱོར་བཞིན།
'phags pas phyag gnyis thal mo sbyor bzhin/_
ཆོས་རྗེ་བླ་མའི་ སྐུ་ཚེ་ལ་བར་ཆད་མེད་པར་ཤོག འཛམ་གླིང་གི་ཉི་མ་ལྟ་བུའི་ཆོས་རྗེ་བླ་མ་རིན་པོ་ཆེ་ང་ཚོ་ལ་ཅི་ཙམ་དབང་མིན་མི་ཤེས།
chos rje bla ma'i _sku tshe la bar chad med par shog_'dzam gling gi nyi ma lta bu'i chos rje bla ma rin po che nga tsho la ci tsam dbang min mi shes/_
ཆོས་རྗེ་ཁོང་གི་མཁྱེན་ཡོན་ རྒྱ་མཚོ་ལྟ་བུ་ལས།
chos rje khong gi mkhyen yon _rgya mtsho lta bu las/_
ང་ཚོས་ཆུ་ཐིག་ཙམ་ལས་མ་ལོན་ཡང་།
nga tshos chu thig tsam las ma lon yang /_
མ་འོངས་པར།
ma 'ongs par/_
འགྱོད་པ་མེད་པའི་འབད་བརྩོན་ཞིག་བྱ་དགོས།
'gyod pa med pa'i 'bad brtson zhig bya dgos/_
ཁོང་གི་ཡོན་ཏན་ནི་གངས་ སེང་གི་འོ་མ་ལྟ་བུ་ཡིན་པས།
khong gi yon tan ni gangs _seng gi 'o ma lta bu yin pas/_
ང་ཚོའི་བློ་ཡིས་ཚོགས་ཀྱི་མི་འདུག
nga tsho'i blo yis tshogs kyi mi 'dug_
ཅེས་ཐུགས་སྐྱོ་ཉམས་ཀྱིས་གསུངས་པརེད།
ces thugs skyo nyams kyis gsungs pared/_
འོན་ཀྱང་།
'on kyang /_
ཆོས་རྗེ་བླ་མས་ཐུགས་རེ་གཏོད་ས་གཏན་ནས་འཕྱུག་མི་འདུག
chos rje bla mas thugs re gtod sa gtan nas 'phyug mi 'dug_
མ་འོངས་པར།
ma 'ongs par/_
ཕ་ཤུལ་བུ་ཡིས་ཟིན་ པ་ཞིག་དགོས་པ་རེད་ལ། ཟིན་པ་ཡོང་ངེས་ཤིག་ཀྱང་འདུག ཅེས་ཞུས་ ཏེ། ཁོང་གཉིས་ཀས་ཆོས་རྗེ་ས་པཎ་ཆེན་གྱི་ཡོན་ཏན་བརྗོད་བཞིན་མིག་ཆུ་མང་པོ་བཏོན་པ་རེད།
pha shul bu yis zin _pa zhig dgos pa red la/_zin pa yong nges shig kyang 'dug_ces zhus _te/_khong gnyis kas chos rje sa paN chen gyi yon tan brjod bzhin mig chu mang po bton pa red/_
གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ།
gtam rgyud kyi lam nas mes po'i zhabs rjes 'tshol ba/_
ཤིང་བཟའ་པཎྜི་ཏ་དར་རྒྱས་རྒྱ་མཚོ།
shing bza' paN+Di ta dar rgyas rgya mtsho/_
ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་མཆོག་ནི།
shing bza' paN+Di ta blo bzang dar rgyas rgya mtsho mchog ni/_
ཕྱི་ལོ་ ༡༧༥༢ ལོར།
phyi lo _1752_lor/_
མདོ་སྨད་ཨ་རིག་ཅེས་པའི་ས་ཆར་སྐུ་འཁྲུངས།
mdo smad a rig ces pa'i sa char sku 'khrungs/_
བྱིས་དུས་ཀྱི་མཚན་ལ་བཀྲ་ཤིས་ཕུན་ཚོགས་ཞུ།
byis dus kyi mtshan la bkra shis phun tshogs zhu/_
དགུང་ལོ་བཅུ་གྲངས་ནས་ཨ་རིག་དགེ་བཤེས་ཆེན་མོས་བདག་སྐྱོང་མཛད།
dgung lo bcu grangs nas a rig dge bshes chen mos bdag skyong mdzad/_
དགུང་ལོ་བཅུ་བདུན་ཐོག
dgung lo bcu bdun thog_
དབུས་ལ་ཕེབས་ཏེ།
dbus la phebs te/_
པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་།
paN chen dpal ldan ye shes dang /_
ཀློང་རྡོལ་བླ་མ།
klong rdol bla ma/_
རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེ།
rgyal sras mchog sprul rin po che/_
ལྕགས་ར་སྤྲུལ་སྐུ་སོགས་མཁས་གྲུབ་མང་པོ་བླ་མར་བསྟེན་ནས།
lcags ra sprul sku sogs mkhas grub mang po bla mar bsten nas/_
འཆད་རྩོད་རྩོམ་གསུམ་གྱི་བྱ་བར་ཐུགས་བརྩོན་ལྷོད་མེད་མཛད།
'chad rtsod rtsom gsum gyi bya bar thugs brtson lhod med mdzad/_
དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་རྟགས་བཞེས་པས་བོད་གཞུང་ནས་པཎྜི་ཏའི་བཀའ་ཤོག་གནང་།
dge bshes lha rams pa ang dang po'i mtshan rtags bzhes pas bod gzhung nas paN+Di ta'i bka' shog gnang /_
ཕྱིས་སུ་སྔགས་ཀྱི་སློབ་སྦྱོང་མཐིལ་ཕྱིན་པར་མཛད་དེ།
phyis su sngags kyi slob sbyong mthil phyin par mdzad de/_
སྔགས་ཀྱི་དམ་བཅའ་ཡང་བཞག་པས།
sngags kyi dam bca' yang bzhag pas/_
མདོ་སྔགས་གཞུང་ལུགས་ཀུན་ལ་མཁས་པའི་མཚན་སྙན་ཆེན་པོར་གྱུར།
mdo sngags gzhung lugs kun la mkhas pa'i mtshan snyan chen por gyur/_
སྐབས་ཤིག་ལ།
skabs shig la/_
ཨ་རིག་རིན་པོ་ཆེས་མདོ་སྨད་ནས་ཞུ་སྐུལ་མཛད་པ་ལྟར་ཕྱིར་མདོ་སྨད་དུ་ཕེབས། ཨ་རིག་རྭ་རྒྱ་དགོན་པ་འཆད་ཉན་དང་འགྲིག་ལམ་གང་ཅིའི་ཐད་ནས་སྔར་ལས་ཀྱང་འཕེལ་རྒྱས་མཛད།
a rig rin po ches mdo smad nas zhu skul mdzad pa ltar phyir mdo smad du phebs/_a rig rwa rgya dgon pa 'chad nyan dang 'grig lam gang ci'i thad nas sngar las kyang 'phel rgyas mdzad/_
ཕྱི་ལོ་ ༡༨༡༣ ལོར།
phyi lo _1813_lor/_
སྐུ་འབུམ་དགོན་པའི་ཁྲིར་ཕེབས་པས་མཚོན་མདོ་སྨད་ ཕྱོགས་སུ་བསྟན་པའི་བྱ་བ་རྒྱ་ཆེན་མཛད།
sku 'bum dgon pa'i khrir phebs pas mtshon mdo smad _phyogs su bstan pa'i bya ba rgya chen mdzad/_
རྭ་རྒྱ་འཀའ་འགྱུར་པར་ཤིང་ཆེན་མོ་ཞེས་མདོ་སྨད་དུ་ཆེས་སྔ་ཤོས་སུ་གྱུར་པའི་བཀའ་འགྱུར་པར་ཤིང་ཆེན་མོ་གསར་བཞེངས་མཛད་པ་སོགས། བོད་ཀྱི་ཆོས་དང་རིག་གནས་ཀུན་གྱི་ཐོག་མཛད་རྗེས་ཤིན་ཏུ་ཆེ་བའི་བླ་མ་ཞིག་ཡིན།
rwa rgya 'aka' 'gyur par shing chen mo zhes mdo smad du ches snga shos su gyur pa'i bka' 'gyur par shing chen mo gsar bzhengs mdzad pa sogs/_bod kyi chos dang rig gnas kun gyi thog mdzad rjes shin tu che ba'i bla ma zhig yin/_
ལེའུ་དང་པོ། བླ་མ་དང་ཐོག་མར་འཕྲད་པ།
le'u dang po/_bla ma dang thog mar 'phrad pa/_
ཁོང་གི་ཆུང་དུས་ཀྱི་མཚན་ལ་བཀྲ་ཤིས་ཕུན་ཚོགས་ཞུ། ཆུང་དུས་ནས་ཕ་མ་རྒན་རབས་རྣམས་བཀུར་བ།
khong gi chung dus kyi mtshan la bkra shis phun tshogs zhu/_chung dus nas pha ma rgan rabs rnams bkur ba/_
མཐོ་དམའ་ཀུན་ལ་མཛའ་ཞིང་གྲོགས་མཐུན་པ།
mtho dma' kun la mdza' zhing grogs mthun pa/_
ཤེས་ཡོན་སློབ་གཉེར་ལ་རང་བཞིན་གྱིས་དོ་སྣང་དང་།
shes yon slob gnyer la rang bzhin gyis do snang dang /_
འབད་བརྩོན་ཆེ་བའི་བྱིས་པ་ཡ་རབས་ཤིག་ཡིན།
'bad brtson che ba'i byis pa ya rabs shig yin/_
སྐབས་ཤིག་ལ་ཡུལ་དེའི་བླ་མ་སྙན་གྲགས་ཅན་ཨ་རིག་དགེ་བཤེས་ཞུ་བ་ཞིག་ཡོད་པ་དེས།
skabs shig la yul de'i bla ma snyan grags can a rig dge bshes zhu ba zhig yod pa des/_
ཡུལ་དེའི་དད་ལྡན་མང་ཚོགས་ལ་གསུང་ཆོས་གནང་རྒྱུ་ཡིན་པའི་གཏམ་ཐོས་པ་ན།
yul de'i dad ldan mang tshogs la gsung chos gnang rgyu yin pa'i gtam thos pa na/_
བཀྲ་ཤིས་ཕུན་ཚོགས་ཀྱང་དེར་བཅར་འདོད་ཤགས་ཆེར་བྱུང་སྟེ། ཕ་མ་གཉིས་ལ་ཁོང་དེར་གསུང་ཆོས་ལ་གཏོང་རོགས་ཞེས་ཞུ་ནན་ཆེར་ཕུལ་བ་རེད།
bkra shis phun tshogs kyang der bcar 'dod shags cher byung ste/_pha ma gnyis la khong der gsung chos la gtong rogs zhes zhu nan cher phul ba red/_
ཕ་མ་གཉིས་ཀྱིས།
pha ma gnyis kyis/_
ཁྱོད་ལོ་ཆུང་ཡང་བླ་མའི་གསུང་ཆོས་ལ་འགྲོ་འདོད་ཡོད་པ་བཟང་།
khyod lo chung yang bla ma'i gsung chos la 'gro 'dod yod pa bzang /_
འོན་ཀྱང་།
'on kyang /_
ད་ལྟ་ལོ་ཆུང་བས་བླ་མའི་གསུང་ཆོས་ལ་ཉན་མི་ཤེས།
da lta lo chung bas bla ma'i gsung chos la nyan mi shes/_
རྗེས་སུ་ཆེན་པོར་ཆགས་པའི་སྐབས་སུ།
rjes su chen por chags pa'i skabs su/_
ཟེར་བ་ན།
zer ba na/_
བཀྲ་ཤིས་ཕུན་ཚོགས་ཀྱིས།
bkra shis phun tshogs kyis/_
ང་ལོ་ཆུང་ཡང་བསམ་བློ་མི་ཆུང་།
nga lo chung yang bsam blo mi chung /_
ངས་ལོ་ཆེ་བ་གཞན་དག་ལས།
ngas lo che ba gzhan dag las/_
བླ་མའི་གསུང་ཆོས་ལ་ཉན་ཤེས་ཀྱི་ཡོད།
bla ma'i gsung chos la nyan shes kyi yod/_